བློ་སྦྱོང་ཚིགས་བརྒྱད་མ།

དུས་ཡུན།སྐར་མ་ ༢ དང་སྐར་ཆ་ ༥༢ ཡོད།ཆེ་ཆུང་།༤༥༦ kb
ངོ་སྤྲོད།

དུས་ཡུན།སྐར་མ་ ༡༡ དང་སྐར་ཆ་ ༤༨ ཡོད།ཆེ་ཆུང་།༡།༦༨ mb

༄༅། །བདག་ནི་སེམས་ཅན་ཐམས་ཅད་ལ། །ཡིན་བཞིན་ནོར་བུ་ལས་ལྷག་པའི། །
དོན་མཆོག་སྒྲུབ་པའི་བསམ་པ་ཡིས། །རྟག་ཏུ་གཅེས་པར་འཛིན་པར་ཤོག །

དུས་ཡུན།སྐར་མ་ ༢ དང་སྐར་ཆ་ ༣༣ ཡོད།ཆེ་ཆུང་།༣༧༥ kb

གང་དུ་སུ་དང་འགྲོགས་པའི་ཚེ། །བདག་ཉིད་ཀུན་ལས་དམན་བལྟ་ཞིང༌། །
གཞན་ལ་བསམ་པ་ཐག་པ་ཡིས། །མཆོག་ཏུ་གཅེས་པར་འཛིན་པར་ཤོག །

སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ། །རྟོག་ཅིང་ཉོན་མོངས་སྐྱེས་མ་ཐག །
བདག་གཞན་མ་རུང་བྱེད་པས་ན། །བཙན་ཐབས་གདོང་ནས་ལྡོག་པར་ཤོག །

རང་བཞིན་ངན་པའི་སེམས་ཅན་རྣམས། །སྡིག་སྡུག་དྲག་པོས་ནོན་མཐོང་ཚེ། །
རིན་ཆེན་གཏེར་དང་ཕྲད་པ་ལྟར། །རྙེད་པར་དཀའ་བས་གཅེས་འཛིན་ཤོག །

དུས་ཡུན།སྐར་ཆ་ ༤༩ ཡོད།ཆེ་ཆུང་།༡༡༡ kb

བདག་ལ་གཞན་གྱིས་ཕྲག་དོག་གིས། །གཤེ་སྐུར་ལ་སོགས་མི་རིགས་པའི། །
གྱོང་ཁ་རང་གིས་ལེན་པ་དང༌། །རྒྱལ་ཁ་གཞན་ལ་འབུལ་བར་ཤོག །

དུས་ཡུན།སྐར་མ་ ༢ དང་སྐར་ཆ་ ༢ ཡོད།ཆེ་ཆུང་།༣༠༠ kb

གང་ལ་བདག་གིས་ཕན་བཏགས་པའི། །རེ་བ་ཆེ་བ་འགའ་ཞིག་གིས། །
ཤིན་ཏུ་མི་རིགས་གནོད་བྱེད་ནའང༌། །བཤེས་གཉེན་དམ་པར་བལྟ་བར་ཤོག །

དུས་ཡུན།སྐར་མ་ ༢ དང་སྐར་ཆ་ ༧ ཡོད།ཆེ་ཆུང་།༣༡༢ kb

མདོར་ན་དངོས་སམ་བརྒྱུད་པ་ཡིས། །ཕན་བདེ་མ་རྣམས་ཀུན་ལ་འབུལ། །
མ་ཡི་གནོད་དང་སྡུག་བསྔལ་ཀུན། །གསང་བས་བདག་ལ་ལེན་པར་ཤོག །

དུས་ཡུན།སྐར་མ་ ༣ དང་སྐར་ཆ་ ༦ ཡོད།ཆེ་ཆུང་།༤༥༦ kb

དེ་དག་ཀུན་ཀྱང་ཆོས་བརྒྱད་ཀྱི། །རྟོག་པའི་དྲི་མས་མ་སྦགས་ཤིང༌། །
ཆོས་རྣམས་སྒྱུ་མར་ཤེས་པ་ཡིས། །ཞེན་པའི་འཆིང་བ་ལས་གྲོལ་ཤོག། །།

==> ཝ་ཤིང་ཊོན་གྱི་ཨ་རིའི་ནང་པའི་དགོན་པར་སྩལ་བའི་གསུང་ཆོས།