ཚིག་ཕྲད།

• ཚིག་ཕྲད་ཀྱི་གོ་དོན།
• ཚིག་ཕྲད་ཀྱི་དབྱེ་བ།

ཚིག་ཕྲད་ཀྱི་གོ་དོན་ནི།

རང་ཉིད་གཅིག་པུས་བརྗོད་དོན་མི་སྟོན་ཞིང་མིང་ཚིག་གཞན་གྱི་ལྷན་དུ་སྦྱོར་ཚེ་བརྗོད་དོན་སྟོན་ནུས་པ་ལ་ཚིག་ཕྲད་ཟེར།

ཚིག་ཕྲད་ཀྱི་དབྱེ་བ།

ཚིག་ཕྲད་ལ་དབྱེ་བ་གཉིས་ཡོད། རྗེས་འཇུག་ལ་ལྟོས་པའི་ཕྲད་གཞན་དབང་ཅན་རྣམ་དབྱེ་དང་བཅས་པ་དང་། རྗེས་འཇུག་ལ་མ་ལྟོས་པའི་ཕྲད་རང་དབང་ཅན་བཅས་སོ།།

དབྱེ་བ།

དང་པོ། རྗེས་འཇུག་ལ་ལྟོས་པའི་ཕྲད་གཞན་དབང་ཅན་རྣམ་དབྱེ་དང་བཅས་པ་བཤད་པ་ལ་བརྒྱད་ཡོད།
སླར་བསྡུ།
ལ་དོན།
ཨི་ལྡན།
རྒྱན་སྡུད།
ལྷག་བཅས།
འབྱེད་སྡུད།
འབྱུང་ཁུངས།
འབོད་སྒྲ།

གཉིས་པ། རྗེས་འཇུག་ལ་མ་ལྟོས་པའི་ཕྲད་རང་དབང་ཅན་བཤད་པ་ལ་དྲུག་སྟེ།
ནི་སྒྲ།
དང་སྒྲ།
དེ་སྒྲ།
སྤྱི་སྒྲ།
བདག་སྒྲ།
དགག་སྒྲ།
བཅས་སོ།།