ཡི་གེ

• ཡི་གེའི་གོ་དོན།
• ཡི་གེའི་དབྱེ་བ།

ཡི་གེའི་གོ་དོན་ནི།

མིང་ཚིག་གཉིས་ཀྱི་བརྩམ་གཞིར་གྱུར་པའི་སྐད་ཀྱི་གདངས་ལ་ཡི་གེ་ཟེར།

ཡི་གེ་ལ་དབྱེ་བ་གཉིས་ཡོད།

༡༽ དབྱངས། ༼བཞི་༽
ཨི་   ཨུ་   ཨེ་   ཨོ་

༢༽ གསལ་བྱེད། ༼གསུམ་བཅུ་༽
ཀ་ ཁ་ ག་ ང་།   ཅ་ ཆ་ ཇ་ ཉ་   ཏ་ ཐ་ ད་ ན་   པ་ ཕ་ བ་ མ་
ཙ་ ཚ་ ཛ་ ཝ་   ཞ་ ཟ་ འ་ ཡ་   ར་ ལ་ ཤ་ ས་   ཧ་ ཨ་