logo Home Page
  • བརྡ་སྤྲོད།
    • ཡི་གེ
    • ༓ དབྱངས།
    • ༓ གསལ་བྱེད།
    • ཚིག་ཕྲད།
    • ༓ ཕྲད་གཞན་དབང་ཅན་རྣམ་དབྱེ་དང་བཅས་པ་བཤད་པ།
    • ༓ ཕྲད་རང་དབང་ཅན།
  • རྩ་ཚིག
    • ལེགས་བཤད་ལྗོན་དབང་།
    • དཀའ་གནད་གསལ་བའི་མེ་ལོང་།
    • བྱིས་པ་དག་ཡིག
    • སུམ་ཅུ་པའི་རྩ་བ།
    • རྟགས་ཀྱི་འཇུག་པའི་རྩ་བ།
    • ཆུའི་བསྟན་བཅོས་ཀྱི་རྩ་བ།
    • ཤིང་གི་བསྟན་བཅོས་ཀྱི་རྩ་བ།
    • བསྡུས་གྲྭའི་སྡོམ་ཚིག
    • དགེ་ལྡན་ལེགས་བཤད།
    • བཤེས་སྤྲིངས་ཀྱི་རྩ་བ།
    • ས་སྐྱ་ལེགས་བཤད་ཀྱི་རྩ་བ།
  • དྲི་བ་དྲི་ལན།
    • བོད་ཀྱི་ལོ་རྒྱུས་དྲི་བ་དྲི་ལན།
    • སྐུ་ཕྲེང་རིམ་བྱོན་དྲི་བ་དྲི་ལན།
    • དཀའ་གནད་དྲི་བ་དྲི་ལན།
    • སྙན་ངག་སྤྱི་དོན་དྲི་བ་དྲི་ལན།
    • དེབ་ཐེར་དཀར་པོ་དྲི་བ་དྲི་ལན།
    • ཆོས་འབྱུང་ཀུན་བཏུས།
  • ནང་ཆོས།
    • སྐྱབས་འགྲོ
    • སྒྲོལ་མ་ཉེར་གཅིག
    • ལས་འབྲས།
    • ལྷ་དང་ཡི་དམ།
    • བློ་སྦྱོང་ཚིགས་བརྒྱད་མ།
    • མཎི་ཡིག་དྲུག
    • ཡ་རབས་སྤྱོད་བཟང་སྐོར།
    • ནང་ཆོས་སྤྱི་དང་ཕྱག་མཆོད་སྐོར།
    • བདེན་པ་གཉིས་ངོ་སྤྲོད།
    • བདེན་པ་བཞི་ངོ་སྤྲོད།
  • དུས་ཆེན།
    • བཅོ་ལྔ་མཆོད་པ།
    • གསུམ་བཅུའི་དུས་དྲན།
    • ས་ག་ཟླ་བ།
    • འཁྲུངས་སྐར་དུས་ཆེན།
    • མང་གཙོ་དུས་ཆེན།
    • ལྷ་བབས་དུས་ཆེན།
    • ངན་པ་དགུ་འཛོམས་དང་བཟང་པོ་
    • ཆོས་འཁོར་དུས་ཆེན།
    • འཛམ་གླིང་སྤྱི་བཟང་།
    • བོད་ཀྱི་ལོ་གསར།
  • སྤྱིར་བཏང་ཤེས་བྱ།
    • པཎ་སྒྲུབ་བཅུ་བདུན།
    • མཚན་སྔགས།
    • ཞེ་སའི་ཚིག་མཛོད།
    • གཏམ་དཔེ།
    • དར་ལྕོག
    • རི་དྭགས་ཆོས་འཁོར།
    • རླུང་རྟ།
    • རྒྱལ་སྲིད་སྣ་བདུན།
    • སྲིད་པའི་འཁོར་ལོ།
    • བཀྲ་ཤིས་རྟགས་བརྒྱད།
    • བཀྲ་ཤིས་རྫས་བརྒྱད།

ཆོས་འབྱུང་ཀུན་བཏུས་དྲི་བ་དྲི་ལན།

དྲི་བ། བཅོམ་ལྡན་འདས་ཀྱི་འཁྲུངས་ཡུལ་དང། ཡབ་ཡུམ་གྱི་མཚན། དགུང་གྲངས་ཅི་ཙམ་བར་རྒྱལ་སྲིད་བསྐྱངས་པ་དང་། ལོ་དྲུག་དཀའ་བ་སྤྱད་ཚུལ་སོགས་ཀྱི་རྣམ་ཐར་རྒྱས་པར་བྲིས།

ལན། བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་ཁོང་ནི་ཡབ་ཟས་གཙང་དང་ཡུམ་སྒྱུ་མ་ལྷ་མཛེས་མ་གཉིས་ཀྱིས་སྲས་སུ་སེར་སྐྱའི་གྲོང་ཁྱེར་གྱི་ལུམྦི་ནིའི་ཚལ་དུ་སྐུ་བལྟམས་ཤིང་། དགུང་གྲངས་ཉེར་དགུའི་བར་རྒྱལ་སྲིད་ཀྱི་ཁུར་བསྣམས་པའི་མཐར་འཁོར་བའི་ཕུན་ཚོགས་ལ་ཐུགས་ངེས་པར་བྱུང་བའི་ཚུལ་གྱིས་རྒྱལ་སྲིད་སྤངས་ཏེ་མཆེད་རྟེན་རྣམ་དག་དྲུང་དུ་ཡེ་ཤེས་ཁོང་ཆུད་ཀྱི་སྡོམ་པ་བཞེས་ཏེ་རབ་ཏུ་བྱུང་བའི་མཛད་པ་བསྟན། དེ་ནས་ཆུ་བོ་ནེ་ར་ཉྫ་ནར་ཕེབས་ཏེ། སྐབས་དེའི་རྒྱ་གར་གྱི་བྲམ་ཟེའི་ཆོས་ལུགས་པའི་ལུས་ངག་གི་དཀའ་སྤྱད་ལ་བརྟེན་ནས་རྣམ་གྲོལ་མངོན་དུ་བྱ་བའི་ལྟ་བ་འགོག་པའི་སླད་ལོ་དྲུག་ལ་ལུས་ངག་གི་དཀའ་སྤྱད་མཛད་ཅིང། དེས་མཐར་ཐུག་ཞི་བ་མྱང་འདས་ཀྱི་གོ་འཕང་མངོན་དུ་བྱ་མི་ནུས་པའི་བརྡ་བསྟན་པའི་ ཕྱིར་མཐར་ཟས་རགས་པ་བསྟེན་ནས་ལུས་ངག་གི་དཀའ་སྤྱད་ལས་བཞེངས།


དྲི་བ། བཅོམ་ལྡན་འདས་རབ་ཏུ་བྱུང་བ། སངས་རྒྱས་པ། ཆོས་ཕྲུལ་བསྟན་པ། མྱ་ངན་ལས་འདས་པ་རྣམས་ཀྱི་གནས་དང་། ལོ་དུས་གསལ་བར་བྲིས།

ལན། རྒྱལ་བུ་དོན་གྲུབ་དགུང་ལོ་ ༢༩ ཤིང་གླང་ ཕྱི་ལོའི་གོང་གི་ལོ་ ༥༩༦ མཆོད་རྟེན་རྣམ་དག་དྲུང་དུ་རབ་ཏུ་བྱུང་། དགུང་ལོ་ ༣༥ ལྕགས་ལུག་ཕྱི་ལོའི་གོང་གི་ལོ་ ༥༩༠ རྡོ་རྗེ་གདན་དུ་སངས་རྒྱས་པའི་མཛད་པ་བསྟན། དགུང་ལོ་ ༥༧ ཆུ་སྦྲུལ་ཕྱི་ལོའི་གོང་གི་ལོ་ ༥༦༨ མཉན་ཡོད་དུ་ཕྱི་རོལ་མུ་སྟེགས་པའི་སྟོན་པ་རྣམས་དང་ཆོ་འཕྲུལ་འགྲན། དགུང་ལོ་ ༨༠ མེ་འབྲུག་ཕྱི་ལོའི་གོང་གི་ལོ་ ༥༤༥ ལོར་རྩྭ་མཆོག་གྲོང་དུ་སྐུ་མྱ་ངན་ལས་འདས་པའི་མཛད་པ་བསྟན།

Install Quicktime

  • For the audio files

རྒྱལ་རབས།

  • བོད་ཀྱི་རྒྱལ་པོ།
  • རྒྱལ་དར་འགྲེལ་བཤད།
  • བོད་ལྗོངས་ངོ་སྤྲོད།
  • བོད་རྒྱལ་ཁབ་ཀྱི་རྒྱལ་གླུ།

Copyright © 2010 Sambhota Tibetan Schools Society. Last updated on